བོད་ཡིག་རིག་ནུས་བཟོ་སྐྲུན་ཐད་ཡིག་ཆ་བསྡུ་ལེན་གྱི་རེ་ཞུ།

2025-04-26

བོད་ཡིག་རིག་ནུས་བཟོ་སྐྲུན་ཐད་ཡིག་ཆ་བསྡུ་ལེན་གྱི་རེ་ཞུ།

བོད་ལྗོངས་དཔལ་ཡོན་རིག་ནུས་ལས་དོན་ཁང་ནས།

དཔལ་ཡོན་རིག་ནུས་ལས་རིམ་ངོ་སྤྲོད།

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཚན་རྩལ་འཕྲུལ་རིག་ཆེས་ཆེར་དར་ཞིང་། ལྷག་པར་ཉེ་བའི་ལོ་འདི་འགར་ཀུན་གྱིས་ཚ་ཚ་འུར་འུར་དུ་གླེང་བཞིན་པའི་མིས་བཟོས་རིག་ནུས་ཞེས་པ་བརྡ་འཕྲིན་འཕྲུལ་རིག་ཁྲོད་ཚད་གཞི་ཆེས་མཐོ་ཤོས་སུ་གྱུར་ཡོད་ལ། འབྱུང་འགྱུར་འཕྲུལ་རིག་འདི་བརྒྱུད་ནས་ད་ལྟའི་འགྲོ་བ་མི་ཐུན་མོང་གི་ལོངས་སྤྱོད་དུ་གྱུར་པའི་ཤེས་ཡོན་མཐའ་དག་སྔར་ལས་ནུས་པ་ལྡན་པ་དང་། ལས་ཕྱོད་མཐོར་འདེགས་གཏོང་་ཐུབ་པར་མ་ཟད། ང་ཚོ་བོད་མི་རིགས་ལྟ་བུའི་ཤེས་རིག་རྒྱ་ཆེ་ཡང་སྤྱོད་མཁན་གྲངས་ཉུང་བའི་རིགས་ལ་དམིགས་བསལ་ཕན་ཐོགས་རྒྱ་ཆེར་འབྱུང་ངེས༎ ལས་གཞི་འདི་རིགས་སྤྱིར་བཏང་གི་ལས་གཞི་ཆུང་ཆུང་ཞིག་མིན་པར་གློག་ཀླད་ཆེད་ལས་པ་དང་། ལས་མི་བརྒྱ་ཕྲག་མང་པོ་མཉམ་ལས་མ་བྱས་ན་ཧ་ཅང་འགྲུབ་དཀའ་བ་ཞིག་ཡིན་པར་བརྟེན། འདི་ག་བོད་ལྗོངས་དཔལ་ཡོན་ལས་དོན་ཁང་གིས་སྤྱི་སྒེར་གྱི་ཚོགས་སྡེ་ཁག་གམ་དང་་བླངས་པ་མང་པོ་དང་མཉམ་འབྲེལ་གྱིས་ད་ལྟ་རིག་ནུས་ཀྱི་དཔེ་མཚོན་ནམ་སྦྱོང་བརྡར་རྒྱུ་ཆ་སྟོང་ཕྲག་མང་པོ་མཁོ་སྒྲུབ་བྱེད་ཐུབ་ཡོད།

ང་ཚོར་ཅི་ཞིག་དགོས་སམ།

དཔེ་དེབ་དང་དུས་དེབ། བོད་ཡིག་གི་དཔེ་དེབ་དང་དུས་དེབ་སྣ་ཚོགས་ཀྱི་ནང་དོན། གསར་འགྱུར་དང་གནས་ཚུལ། ཉིན་རེའི་གསར་འགྱུར་དང་གནས་ཚུལ་ཁག རྩོམ་རིག་བརྩམས་ཆོས། སྙན་ངག་དང་། སྒྲུང་གཏམ། བརྩམས་སྒྲུང་སོགས། ཚན་རིག་དང་འཕྲུལ་རིག་གི་རྩོམ་ཡིག ཚན་རིག་དང་འཕྲུལ་རིག་དང་འབྲེལ་བའི་དཔྱད་རྩོམ་དང་གནས་ཚུལ། སྲོལ་རྒྱུན་རིག་གནས། གཏམ་རྒྱུད་དང་། དམངས་ཁྲོད་གཏམ་དཔེ། གླུ་གཞས་སོགས། ཆོས་ལུགས་ཀྱི་ཡིག་ཆ། ནང་ཆོས་དང་འབྲེལ་བའི་གསུང་རབ་དང་འགྲེལ་བ། སློབ་གསོའི་དཔེ་དེབ། སློབ་ཚན་འདྲ་མིན་གྱི་སློབ་དེབ་དང་ཟིན་བྲིས། ཁྲིམས་ལུགས་ཡིག་ཆ། སྲིད་གཞུང་གི་སྲིད་ཇུས་དང་ཁྲིམས་ལུགས་ཡིག་ཆ། ཚོང་ལས་ཡིག་ཆ། ཚོང་དོན་སྙན་ཐོ་དང་ཁྲོམ་རའི་དཔྱད་གཞི། སྨན་གཞུང་དང་གསོ་རིག་ཡིག་ཆ། བོད་ལུགས་གསོ་བ་རིག་པའི་གཞུང་ལུགས། རྩིས་རིག་དང་ས་བཀྲ། དུས་རབས་གསར་པའི་རྩིས་རིག་དང་ས་ཁྲའི་ཡིག་ཆ། སྤྱི་ཚོགས་བརྒྱུད་ལམ་གྱི་ནང་དོན། སྤྱི་ཚོགས་དྲ་རྒྱའི་གླེང་མོལ་དང་བསམ་འཆར་དང་བཅས་གངས་ཅན་བོད་ཡིག་གིས་མཚོན་པའི་ནང་དོན་མཐའ་དག

ཡིག་ཆའི་རྣམ་གཞག་གི་རེ་བ།

ཡིག་རྐྱང་ཡིག་ཆ། (TXT) འདི་ནི་ཆེས་གཞི་རྩའི་དང་བེད་སྤྱོད་བདེ་བའི་ཡིག་ཆའི་རྣམ་པ་ཞིག་ཡིན།
Word ཡིག་ཆ། (DOC/DOCX) མང་ཆེ་བས་བེད་སྤྱོད་བྱེད་པའི་ཡིག་ཆའི་རྣམ་པ་ཞིག་ཡིན།
PDF ཡིག་ཆ། སྤུས་ཚད་མཐོ་བའི་པར་རིས་དང་ཡིག་གཟུགས་ཡོད་པའི་ཡིག་ཆ་རྣམས།
རྩོམ་ཡིག་གི་དྲ་ཚིགས། (HTML) དྲ་རྒྱའི་ནང་དོན་དང་བརྙན་ཐུང་གི་འགྲེལ་བཤད།
གཞི་གྲངས་མ་ལག (CSV/JSON) སྒྲིག་གཞི་ཅན་གྱི་གནས་ཚུལ་ཁག
དྲ་ཐོག་ཤེས་བྱ་ཀུན་བཏུས། (XML/RDF) དྲ་ཐོག་ཤེས་བྱ་ཀུན་བཏུས་ཀྱི་ནང་དོན།
སྤྱི་ཚོགས་བརྒྱུད་ལམ་གྱི་གཞི་གྲངས། མི་སྒེར་གྱི་གསང་དོན་སྲུང་སྐྱོབ་ཐོག་ནས་བསྡུ་ལེན་བྱས་པའི་སྤྱི་ཚོགས་བརྒྱུད་ལམ་གྱི་གཞི་གྲངས།

དཔར་དབང་གི་ཁ་མཆུ་སེལ་དོན།

1.གཞི་གྲངས་ཀྱི་ཁུངས་དང་བདག་པོ་གསལ་པོར་འགོད་རྒྱུ།

2. རྒྱུ་ཆ་སྤྱོད་པར་པར་དབང་ཡོད་མཁན་གྱི་ཆོག་མཆན་ངེས་པར་དུ་ཐོབ་རྒྱུ།

3. རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་དང་ལྷན་དུ་གཞི་གྲངས་བེད་སྤྱོད་ཀྱི་གན་རྒྱ་འཇོག་རྒྱུ།

4. མི་སྒེར་གྱི་གནས་ཚུལ་ཚུད་ཡོད་ཚེ་དེ་དག་གསང་བ་བྱ་རྒྱུ།

5. གཞི་གྲངས་ཀྱི་ཁུངས་དང་ནང་དོན་བདེན་པ་ཡིན་མིན་ཞིབ་བཤེར་བྱེད་རྒྱུ།

6. རྒྱུ་ཆ་བསྡུ་ལེན་དང་བེད་སྤྱོད་བྱེད་སྟངས་ཁྲིམས་མཐུན་ཡིན་པ་ངེས་གཏན་བཟོ་རྒྱུ།

7. གཞི་གྲངས་བེད་སྤྱོད་ཀྱི་ཚད་བཀག་གསལ་པོར་འགོད་རྒྱུ།

8. གལ་ཏེ་དགོས་ངེས་ཡིན་ན། རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་ལ་གུན་གསབ་སྤྲོད་ཕྱོགས་གཏན་འབེབས་བྱ་རྒྱུ།

9. གཞི་གྲངས་ལེགས་སྒྲིག་བྱེད་པའི་ཐོབ་ཐང་ཡོད་མེད་གསལ་པོར་བཟོ་རྒྱུ།

10. གཞི་གྲངས་བསྐྱར་སྤྱོད་བྱེད་ཆོག་པའི་ཆོག་མཆན་དགོས་མིན་གསལ་པོར་བཟོ་རྒྱུ།

11. གལ་ཏེ་དགོས་ངེས་ཡིན་ན། གཞི་གྲངས་དང་འབྲེལ་བའི་གནས་ཚུལ་གསང་རྒྱ་བྱེད་དགོས་པའི་གན་རྒྱ་འཇོག་རྒྱུ།

12. གཞི་གྲངས་བདག་དབང་དང་འབྲེལ་བའི་རྩོད་རྙོག་ཡོང་སྲིད་པས། དེ་དག་སེལ་ཐབས་ཀྱི་བྱེད་ཐབས་གཏན་འབེབས་བྱ་རྒྱུ།

བཀའ་དྲིན་གང་ཞིག

ཐུགས་རྗེ་ཆེ། ང་ཚོའི་བོད་ཡིག་རིག་ནུས་ལས་གཞིའི་ཆེད་དུ་གཞི་གྲངས་སྦྱིན་གཏོང་གནང་རྒྱུའི་འདུན་པ་བཟང་པོ་བཏོན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་དང་མཉམ་ལས་ནི་ང་ཚོའི་ལས་གཞི་ལམ་ལྷོང་ཡོང་བའི་སྙིང་པོ་ཡིན། ཁྱེད་རྣམ་པས་གནང་བའི་གཞི་གྲངས་རེ་རེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་དུ་མ་འོངས་པར་བོད་ཡིག་གི་དྲ་རྒྱའི་ཞབས་ཞུ་དང་། ཡིག་སྒྱུར། སྐད་སྒྱུར་སོགས་ཀྱི་ལག་རྩལ་ཡར་རྒྱས་གཏོང་བར་ཡང་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ཁྱེད་རྣམ་པའི་གཞི་གྲངས་ཀྱི་བདག་དབང་དང་པར་དབང་ལ་བརྩི་བཀུར་ཞུ་རྒྱུ་ཡིན་པ་མ་ཟད། གཞི་གྲངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལའང་འགན་ལེན་ཞུ་རྒྱུ་ཡིན། གཞི་གྲངས་བེད་སྤྱོད་བྱེད་སྐབས་ཁྱེད་རྣམ་པའི་མཚན་དང་ཁུངས་ངེས་པར་དུ་འགོད་རྒྱུ་ཡིན།
སླར་ཡང་། ཁྱེད་རྣམ་པའི་རྒྱབ་སྐྱོར་དང་མཉམ་ལས་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་ལྷག་བསམ་རྣམ་དག་གིས་ང་ཚོའི་ལས་གཞི་ལ་སྐུལ་མ་ཆེན་པོ་ཐེབས་སོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་མ་འོངས་པ་ཡག་པོ་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན།

བོད་ལྗོངས་དཔལ་ཡོན་བོད་ཡིག་རིག་ནུས་ལས་དོན་ཁང་ནས།

分享到:

Comments

  • 益西旦增的头像

    很好

发表回复

您的邮箱地址不会被公开。 必填项已用 * 标注